༄༅། །ཀུན་མཁྱེན་བླ་མའི་གཅིག་ཏུ་བྲལ་གྱི་ཡིག་ཆར་ཟུར་མཆན་བཀོད་པ་བཞུགས་སོ།། [001] །འདིར་གཅིག་ཏུ་བྲལ་གྱི་ཡིག་ཆར་ཟུར་མཆན་ཅུང་ཟད་བཀོད་པ་ལ། གཉིས་པ་ནི་འགྲེལ་པའི་བཤད་ཐབས་དགོས་དོན་གྱི་ཞེས་པའི་གཉིས་པ་དེ་འཚམས་སྦྱོར་རྩ་བ་འབྲེལ་ པ་གསུམ་གྱི་འགྲེལ་པ་ལ། བསྡུས་དོན། དགོས་དོན། རྩོད་སྤོང། ཚིག་དོན་བཞིར་བྱས་པའི་གཉིས་པ་ལ་བྱེད་ན་རྣམ་བཤད་དང་མཐུན་ནོ། རིགས་པ་ལྔ་ཡོད་དེ། ངོ་བོ་དང་འབྲས་བུ་དང་ རྒྱུ་འབྲས་གཉིས་ཀ་དང་ཆོས་ཐམས་ཅད་ལ་དཔྱོད་པའི་རིགས་པ་དང་ལྔ་ཡོད་པའི་ཕྱིར་ཞེས་ཟེར་མཁན་ཡོད་ལ། རྣལ་འབྱོར་སྤྱོད་པའི་གཞུང་དབུ་མ་རྒྱན་དང་དབུ་མ་སྣང་པར་བཤད་པའི་ཇོ་ རྗེ་གཟེགས་མ་དང་ཡོད་མེད་སྐྱེ་འགོག་དང་མུ་བཞི་སྐྱེ་འགོག་དང་གཅིག་དང་གཅིག་ཏུ་བྲལ་དང་རྟེན་འབྲེལ་གྱི་གཏན་ཚོགས་ལྔ་ལ་བྱེད་དེ། ཐལ་འགྱུར་བའི་གཞུང་ཏུ་བཤད་པའི་རྣམ་ལྔ་རྣམ་ བདུན་དང། རྟོག་གི་འབར་བར་བཤད་པའི་མགོ་མཚུངས་རིགས་པ་དང། བདེན་གཉིས་སུ་བཤད་པའི་མུ་བཞི་སྐྱེ་འགོག་རྣམས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་གཞུང་དུ་ མི་འབྱུང་བའི་ཕྱིར་ཟེར་མཁན་ཡོད་དོ།། སྐབས་འདིར་ཁ་ཅིག་གིས་རྣམ་བཤད་དུ་དབང་རྣོན་ལ་ཆེད་དུ་བྱ་བ་སྦྱར་ལ། དབང་རྟུལ་ལ་མ་སྦྱར་བས། རྒྱན་གྱི་ཆེད་དུ་བྱ་བའི་ གདུལ་བྱ་ལ་དབང་རྣོན་གྱིས་ཁྱབ་པར་བཤད་པ་འཐད་པར་མི་སེམས་ཏེ། རྒྱན་གྱི་ཆེད་ཏུ་བྱ་བའི་གདུལ་བྱ་ལ་རྣོ་རྡུལ་གཉིས་ཡོད་པ་རྣམ་བཤད་གྱི་དགོངས་པ་ཡིན་པའི་ཕྱིར་ [002A] །སྐབས་བཞི་བའི་རྣམ་བཤད་ལས། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དེ་ལ། དད་པའི་རྗེས་འབྲང་དང་ཆོས་ཀྱི་རྗེས་འབྲང་གཉིས་སུ་ངེས་ པར་སྟོན་པ་ཡིན་གྱི། ཞེས་གསུངས་པའི་ཕྱིར། རྣམ་བཤད་ལས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྔོན་དུ་སྟོང་ཉིད་རྟོགས་པ་འགྲོ་དགོས་པ་ནི་རྣོན་པོ་ལ་མ་ཡིན་གྱི་ རྡུལ་པོ་ལ་ནི་ངེས་པ་མེད་ལ། ཞེས་གསུངས་པ་ལ་ཁ་ཅིག་ན་རེ། དབང་རྡུལ་གྱིས་སེམས་བསྐྱེད་པའི་སྔ་རོལ་ཏུ་སྟོང་ཉིད་རྟོགས་པ་ཡོད་པར་ཐལ། རྟུལ་པོ་ལ་ནི་ངེས་པ་མེད་ ལ་ཞེས་པའི་དོན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དབང་རྣོན་གྱིས་སེམས་བསྐྱེད་པའི་དོན་དུ་སྟོང་ཉིད་རྟོགས་དགོས། དབང་རྡུལ་གྱིས་སྟོང་ཉིད་རྟོགས་པའི་སྔོན་དུ་སེམས་བསྐྱེད་ དགོས་པའི་ཕྱིར། དབུ་མ་རྒྱན་ལས། ཡང་དག་ཤེས་ཚོལ་སྔོན་བཏང་སྟེ། །དོན་དམ་རྣམ་པར་ངེས་གྱུར་ནས། །ལྟ་ངན་ཐིབས་ནས་འཇིག་རྟེན་ལ། །སྙིང་རྗེ་ཀུན་ཏུ་བསྐྱེད་ནས་སུ། ། འགྲོ་དོན་བྱེད་པ་བསལ་གྱུར་པ། །བྱུང་བ་བློ་རྒྱས་མཁས་པ་ནི། །བློ་དང་སྙིང་རྗེ་རྒྱན་པ་ཡིས། །གྲུབ་པའི་རྟུལ་བཞུགས་ཡང་དག་སྤྱོད། །ཡང་དག་དད་པའི་རྗེས་འབྲང་བ། །རྫོགས་པའི་ བྱང་ཆུབ་སེམས་བསྐྱེད་ནས། །ཐུབ་བའི་རྟུལ་ཞུགས་བླངས་བྱ་སྟེ། །དེ་ནས་ཡང་དག་ཤེས་ཚོལ་བརྩོན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྙམ་ཡང་འཇུག་པའི་ཊཱིཀ་ཆེན་ཏུ་ངེས་བཟུང་བ་ [002B]། སྤྱིར་རྣོ་རྟུལ་གྱི་ཁྱད་པར་བློའི་འཇུག་པ་མྱུར་འབུལ་གྱིས་བྱེད་བྱུང། རང་བཞིན་གྱི་དབང་པོ་རྣོ་འབྲང་རྟུལ་གསུམ་གྱི་ཁྱད་པར་ནི་དད་སོགས་ལྔ་ཆེ་འབྲིང་ཆུང་གསུམ་ལ་ མཁས་པའི་ཆ་ནས་བཞག་དགོས་ཏེ། དད་སོགས་ལྔ་ཆུང་ཏུ་ལ་མཁས་པའི་ཆ་ནས་ཉན་ཐོས་ཀྱི་རིགས་ཅན་རྣམས་རང་བཞིན་གྱི་དབང་རྟུལ་དང། དད་སོགས་ལྔ་འབྲིང་ལ་མཁས་ པའི་ཆ་ནས་རང་རྒྱལ་རིགས་ཅན་རྣམས་རང་བཞིན་གྱི་དབང་འབྲིང་དང། དད་སོགས་ལྔ་ཆེན་པོ་ལ་མཁས་པའི་ཆ་ནས་ཐེག་ཆེན་རིགས་ཅན་རྣམས་རང་བཞིན་གྱི་དབང་རྣོན་ཏུ་བཤད་ པའི་ཕྱིར། འགྲེལ་བ་ལས། འདི་ལྟར་དད་པ་སོགས་པ་ཆེན་ཞེས་པ་ནས་ཆུང་ཏུ་རྣམས་ཀྱི་ནི་ཉན་ཐོས་ཀྱི་བྱང་ཆུབ་རྟོགས་སོ་ཞེས་བྱ་བ་འདི་འཕངས་པ་ཡིན་ནོ།། ཞེས་དང། གསེར་ འཕྲེང་ལས། དེ་ལྟར་རིགས་ཅན་གསུམ་གྱི་ནང་ནས་དབང་པོ་རྣོན་པོའི་དད་སོགས་ཀྱིས་ཐེག་ཆེན་གྱི་བྱང་ཆུབ་འཐོབ་པར་དངོས་སུ་བསྟན་པའི་ཤུགས་ཀྱིས་ན་དད་སོགས་འབྲིང་པོ་ རྣམས་ཀྱིས་ནི་རང་རྒྱལ་གྱི་བྱང་ཆུབ་རྟོགས་པ་སྟེ་འཐོབ་ལ། ཞེས་པ་ནས། དེ་ནི་སྤྱིའི་ཤུགས་འཕངས་ཡིན་ལ་བྱེ་བྲག་ཏུ་རིགས་ཅན་གསུམ་གྱི་དབང་པོ་རྣོན་པ་ལ་རྣོ་རྟུལ་གཉིས་སུ་བྱས་ པས་རྫོགས་བྱང་ཐོབ་དཀའ་སླར་དངོས་སུ་བསྟན་པས་དབང་འབྲིང་དང་དབང་རྟུལ་གྱི་དད་སོགས་ལ་ཡང་རྣོ་རྟུལ་གཉིས་སུ་བྱས་པས་རང་གི་བྱང་ཆུབ་ཐོབ་དཀའ་སླ་གཉིས་ཡོད་པར་ [003A]༄༅། །འཕངས་སོ།། ཞེས་གསུངས་པའི་ཕྱིར། ཀུན་བཏུས་ལས། ཉན་ཐོས་ཀྱི་ཆོས་ཉིད་ང་པའམ་མ་ངེས་པ་ལ་ཞེས་སོགས་ཀྱི་སྐབས་སུ། ཐེག་པ་ གསུམ་གྱི་གང་ཟག་ཁྱད་པར་བདུན་གྱིས་བཤད་དེ། རིགས་ཀྱི་དང། དབང་པོའི་དང། སྨོན་ལམ་གྱི་དང། བསམ་པའི་དང། དམིགས་པའི་དང། སྤྱོད་པའི་དང། འབྲས་ བུ་འཐོབ་ཚུལ་གྱི་ཁྱད་པར་བདུན་གྱིས་བཤད་པའི་ཕྱིར། དར་ཊཱི་ཀ་གི་ཤོག་བུ་བརྒྱ་ཉེར་དགུ་བའི་ཐན་ཀར་བལྟ་བ་བྱའོ།། ཐོབ་བྱེད་གང་ཟག་གི་དབྱེ་བ་ལ། སྡེ་ཚན་གྱི་སྒོ་ནས་བདུན་ དང་དེ་རྒྱུ་མཚན་ཏུ་བྱས་ཏེ་སོ་སོར་དབྱེ་བ་དྲུག་བཅུར་བཤད་པ་ཡོད་དེ། ཐོབ་པ་རྣམ་ངེས་ཀྱི་སྐབས་སུ་བལྟ་བར་བྱའོ།། ཁ་ཅིག། གནོད་པ་མ་མཐོང་ནས་ཞེས་པས་གདུལ་བྱ་དབང་རྣོན་ གྱིས། ཞེས་སོགས་གཞན་ལུགས་དགག་པ་འདི་མི་འཐད་པར་ཐལ། གདུལ་བྱ་དབང་རྣོན་གྱིས་གནོད་པ་མ་མཐོང་ནས་དད་པ་བསྐྱེད་དགོས་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ་སྟེ་གནོད་པ་མ་མཐོང་བ་ དང་སྒྲུབ་བྱེད་མཐོང་བ་ཉིས་སུ་ཕྱེ་བའི་གནོད་པ་མ་མཐོང་པར་དད་པ་བསྐྱེད་ཚུལ་དགག་པ་ཡིན་པའི་ཕྱིར། དེར་ཐལ། དབང་རྣོན་གྱིས་སྒྲུབ་བྱེད་མཐོང་ནས་དད་པ་བསྐྱེད་དགོས་པའི་ཕྱིར། སྒྲུབ་ བྱེད་མ་མཐོང་པར་དད་པ་བྱེད་ན་དབང་རྟུལ་གྱི་དད་པ་བསྐྱེད་ཚུལ་དང་ཁྱད་མེད་དུ་གྱུར་བའི་ཕྱིར། དེས་ན་བདེན་གྲུབ་ལ་གནོད་པ་མ་མཐོང་བར་དད་པ་བསྐྱེད་པར་འདོད་པ་དགག་པ་ཡིན་ཟེར་བ་འབྲེལ་ [003B] ཁ་ཅིག་ན་རེ། གཅིག་དང་ཏུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་པའི་དངོས་བསྟན་གྱི་གཅིག་དན་དུ་མ་མེད་དེ། དེ་དག་བདེན་གྲུབ་ཀྱི་གཅིག་དང་དུ་མ་ལ་བྱེད་པའི་ཕྱིར། ཟེར་ན་ འོ་ན་བདེན་གྲུབ་ཀྱི་གཅིག་ཏུ་མ་གྲུབ་པ་ཆོས་ཅན། མེད་པར་ཐལ། དེའི་དངོས་བསྟན་གྱི་གཅིག་ཡིན་པའི་ཕྱིར། དེར་ཐལ། དེའི་དངོས་བསྟན་གག་ཞིག་ཐ་དད་མ་ཡིན་པའི་ཕྱིར། ཁྱབ་སྟེ་ གཅིག་དང་ཐ་དད་གཉིས་རྣམ་བཅད་ཡོངས་བཅད་ཀྱི་དངོས་འགལ་ཡིན་པའི་ཕྱིར། དབུ་མ་རྒྱན་རང་འགྲེལ་ལས། གཅིག་བུའི་བདག་ཉིད་དང་དུ་མའི་བདག་ཉིད་གཉིས་ཕན་ཚུན་སྤངས་ཏེ་གནས་པའི་ མཚན་ཉིད་ཡིན་པས་ཕུང་པོ་གཞན་སེལ་ཏེ། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེའི་དངོས་བསྟན་གྱི་བྲལ་བ་ཞེས་པའི་བྲལ་རྒྱུའི་གཅིག་དང་ཏུ་མ་ཡོད་པར་ཐལ། དེའི་ དངོས་བསྟན་གྱི་གཅིག་དང་ཏུ་མ་ཡོད་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་ནེ། གཞན་དོན་ཁུར་ཁྱེར་པའི་སྙིང་རྗེ་ཆེན་པོ་སྐྱེ་བའི་སྔ་རོལ་ཏུ་སྟོང་ཉིད་རྟོགས་པའི་རྒྱན་གྱི་ཆེད་ཏུ་བྱ་བའི་གདུལ་བྱ་ ཡོད་པར་ཐལ། དེ་འདྲ་ཐེག་ཆེན་རིགས་ཅན་ཡོད་པའི་ཕྱིར། དབུ་མ་རྒྱན་ལས། ཡང་དག་ཤེས་ཚོལ་ཞེས་སོགས་གསུངས་པའི་ཕྱིར། འདོད་ན། གཞན་དོན་ ཁུར་ཁྱེར་བའི་སྙིང་རྗེ་ཆེན་པོ་མ་སྐྱེས་པའི་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱའི་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་ཡིན་ན་ཐེག་ཆེན་རིགས་ཅན་ཡིན་ [004A]༄༅། །དགོས་པའི་ཕྱིར། དེར་ཐལ། རྒྱན་གྱི་ཆེད་ཏུ་བྱ་བའི་གདུལ་བྱའི་མཚན་ཉིད་ཡོད་པའི་ཕྱིར། ཡིད་ཆད་རྒྱན་ལ་རྟེན་ནས་ཡུལ་ལྔ་གང་རུང་དེ་དང་དེ་ རྟོགས་དགོས་ཀྱི་ཐེག་ཆེན་རིགས་ཅན་དེ། རྒྱན་གྱི་ཆེད་ཏུ་བྱ་བའི་གདུལ་བྱའི་མཚན་ཉིད། དབྱེ་ན། རྒྱན་གྱི་ཆེད་ཏུ་བྱ་བའི་གདུལ་བྱ་རྣོ་རྟུལ་ཡོད། ས་མཚམས་ལམ་ས་ཞུགས་ནས་ འཕགས་ལམ་བར་དུ་ཡོད། ཞེས་གསུངས་པའི་ཕྱིར། ས་མཚམས་ཡང་འདི་ལྟར་འཐད་དེ། མདོ་སྡེ་རྒྱན་ལས། དོན་ཤེས་པ་ཡི་ཆོས་རྣམས་བུན། །གཟིངས་དང་འདྲ་བ་ ཉིད་དུ་བསྟན། ཞེས་དང། རྟོག་གེ་རྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །ཞེས་གསུངས་པའི་ཕྱིར། སོ་སྐྱེའི་ཁྱད་ཆོས་ལྔ་ངོས་བཟུང་ཏུ་ཡོད་ལ། སྐབས་བཞི་ བའི་བསྡུས་དོན་ལས། རྒྱན་ལས་རྟོག་གེར་ཆེད་ཏུ་བརྟེན་པ་དང། །དམ་བཅས་གཞན་དུ་འགྱུར་ཕྱིར་མ་ངེས་དང། །ཆོས་ཀུན་ཡུལ་དུ་མི་བྱེད་མ་ཁྱབ་དང། ཀུན་རྫོབ་ཙམ་ལ་ དོན་དམ་མ་མཐོང་དང། །སྤོབ་པ་ཡོངས་སུ་གཏུགས་པའི་སྐྱོ་བ་ཅན། །འདི་ལ་སོ་སྐྱེ་ཁོ་ནར་སྦྱར་ཕྱིར་རོ། །བློ་བརྟན་རྟོག་གེ་གཞུང་ལ་སྦྱར་ཏེ་བཤད། །ཞེས་པ་ལྟར་གཟུང་དགོས་པའི་ཕྱིར་ བྱས་པ་ལ་ཁོ་ན་རེ། སྟོང་ཉིད་རྟོགས་པའི་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་མེད་པར་ཐལ། སྟོང་ཉིད་རྟོགས་ཁ་མའི་རྒྱན་གྱི་ཆེད་དུ་བྱ་བའི་སྦྱར་མེད་པའི་ཕྱིར། ཟེར་ན་འོ་ན། སྟོང་ཉིད་རྟོགས་ [004B] སྟོང་ཉིད་རྟོགས་པའི་རྒྱན་མེད་པའི་ཕྱིར། ཁྱབ་པ་སྒྲིག། ཁ་ཅིག་ན་རེ། སྟོང་ཉིད་རྟོགས་ཁ་མའི་བློ་རྒྱུད་ལྡན་གྱི་གང་ཟག་ཡིན་ ན་སྟོང་ཉིད་མ་རྟོགས་པའི་ཁྱབ་ཟེར་ན། རྒྱུན་མཐའ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། སྟོང་ཉིད་རྟོགས་ཁ་མའི་སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ ཕྱིར། རྣམ་འགྲེལ་ལས། མཐོང་དང་མ་མཐོང་དངོས་པོ་ཡི། །དོན་དེ་དག་ལ་མངོན་སུམ་དང། །རྗེས་དཔག་རྣམ་པ་གཉིས་ཀྱིས་ཀྱང། །གནོད་མེད་འདི་ཡི་མི་བསླུ་བའོ། ཞེས་གསུངས་པའི་ སྐབས་སུ། མཐོང་པ་མངོན་གྱུར་བསྟན་པའི་ཆ་ལ་མངོན་སུམ་གྱིས་གནོད་པ་མེད་པ་དང། མཐོང་བ་ལྐོག་གྱུར་བསྟན་པའི་ཆ་ལ་དངོས་སྟོབས་རྗེས་དཔག་གི་ས་གནོད་པ་མེད་པ། མ་ མཐོང་བ་ལྐོག་གྱུར་བསྟན་པའི་ཆ་ལ་ཡིད་ཆེས་རྗེས་དཔག་གི་གནོད་པ་མེད་པ་ནི་ལུང་དཔྱད་གསུམ་དག་ཚུལ་ཏུ་བསྟན་ལ། དེ་ཡང་མཐོང་དང་ཞེས་ལས་གཞལ་བྱ་གནས་དང་པོ་གཉིས་ དང། མ་མཐོང་ཞེས་བས་ཤིན་ལྐོག་བསྟན་ནོ། སྡེ་བདུན་རྒྱན་གྱི་ཚིག་ཟིན་ལྟར་ན། ལུང་ལ་གནས་གསུམ་སྟོན་པས་མ་ཁྱབ། ཤིན་ལྐོག་ཁོ་ན་བསྟན་པའི་ལུང་དེ་དཔྱད་གསུམ་ གྱིས་དག་ཚུལ་ལ་མཐོང་བ་མངོན་གྱུར་རྟོགས་པའི་མངོན་སུམ་ཚད་མས་གནོད་པ་མེད་པ་ཞེས་སོགས་སྦྱོར་གྱུ་ཡིན་པར་འཆད་པ་ནི། མཁས་པ་ལྔ་མའི་བཤད་པའི་རྣམ་གྲངས་ཡིན་གྱི་ [005A]༄༅། །རང་ལུགས་མ་ཡིན་ཏེ། སྤྱི་དོན་གཞན་དང། བདག་གཙོ་བོ་དང། འཁྲུས་ཀྱིས་སྡིག་པ་དག་པ་སྡེ་ཕྱི་རོལ་པའི་གཞུང་ནས་སྟེན་པའི་གནས་གསུམ་ ལགས། ང་རིམ་བཞིན་ཚད་མ་གསུམ་གྱིས་གནོད་པ་མེད་ཅིང། རང་གི་སྟོན་པའི་གཞུང་ནས་བཤད་པའི་གནས་གསུམ། དབང་པོའི་ཡུལ་དང། འཕགས་པའི་བདེན་པ་བཞི་ དང། ལས་འབྲས་ཀྱི་འབྲེལ་པ་ཕྲ་མོ་ལྷ་བུ་ལ་རིམ་བཞིན་ཚད་མ་གསུམ་གྱིས་གནོད་པ་མེད་པ་ནི་ལུང་དཔྱད་གསུམ་གྱིས་དག་ཚུལ་ཏུ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོར་བཤད་པའི་ ཕྱིར། གཉིས་ཀ་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུངས་ཡིན་ཀྱང། ཊཱིཀ་ཆེན་ནི་དཔྱད་པ་རྫོགས་ཏུས་ཀྱི་ཕྱི་རྩོམ་དང། ཙ་བ་དང་མཐུན་ཚབ་ཆེ་བས་དབང་བཙན་དགོས་ པར་རྗེ་གུང་ཐང་བས་བཤད་པའི་ཕྱིར། ཁ་ཅིག་ན་རེ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། ཞེས་སོགས་ཀྱི་ལུང་ཆོས་ཅན། རང་གི་དོན་ལ་མི་སླུ་བ་ཡིན་ཏེ། དཔྱད་ གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བའི་ཏགས་རྟོགས་ན་བསྒྲུབ་བྱ་རྟོགས་པའི་ཁྱབ་པར་ཐལ། རྟགས་དེ་རྟོགས་པ་ལ་ཡིད་ཆེས་རྗེས་དཔག་གིས་རྟོགས་ དགོས་པའི་ཕྱིར། མ་ཁྱབ་སྟེ། དེ་འདྲའི་ལུང་གི་བརྗོད་བྱ་ལ་ཡིད་ཆེས་རྗེས་དཔག་གི་གནོད་པ་མེད་པར་དངོས་སྟོབས་ཀྱིས་གྲུབ་བྱང་ཤིན་ཏུ་ལྐོག་གྱུར་གྱི་དོན་ངེས་གྲུབ་མི་དགོས་ [005B] རྟགས་ཡང་དག་ཐམས་ཅད་ཀྱི་ཚུལ་གསུམ་མཐར་དངོས་པོའི་སྟོབས་ཤུགས་ཀྱིས་གྲུབ་དགོས་པར་རིགས་རྒྱན་ལས་བཤད་པའི་ ཕྱིར། བསམ་གྱིས་ཁྱབ་མ་ཁྱབ་པའི་དོན་ནི་དངོས་སྟོབས་གྱི་རིགས་པས་ཏོགས་ནུས་མི་ནུས་པ་ལ་བྱེད་ཅིང། ཆོས་བཞི་ཚང་ན་བསམ་གྱི་མི་ཁྱབ་པར་གསུངས་པའི་ཆོས་བཞི་ནི་ གནས་དང་དངོས་པོ་དང་རྒྱུ་དང་རྣམ་སྨིན་བཞི་ལ་བྱེད་དོ།། གཞི་གྲུབ་ན། ཁྱོད་རྟོགས་པའི་ཡིད་ཆེས་རྗེས་དཔག་ཡོད་པའི་ཁྱབ་མ་ཁྱབ་དཔྱད་དགོས་ཏེ། དབུ་མའི་མཐའ་དཔྱོད་དང་ཕར་ ཕྱིན་མཆན་གཉིས་ཀྱི་བཤད་ཚུལ་མི་མཐུན་པར་སྣང་བའི་ཕྱིར། ཤིན་ལྐོག་མིན་ཀྱང་དགག་གཞི་ཅན་གྱི་ཆོས་ཡིན་ན། ཁྱོད་རྟོགས་པའི་ཡིད་ཆེས་རྗེས་དཔག་ཡོད་པའི་ཁྱབ་ཀྱང། དགག་གཞི་མེད་ པ་ལ་མ་ཁྱབ་ཟེར་མཁན་ཡོད། གཞལ་བྱ་གནས་གསུམ་འགལ་མི་འགལ་བརྟགས་དོན་བཙལ་ནས་འཇོག་མི་འཇོག་ལ་ཐུག་པར་གསུངས་པའང་ཡོད་དོ། གདུལ་བྱ་དབང་རྣོན་རྒྱན་ལ་ གདུལ་བྱར་ཞུགས་པའི་སྔོན་ཏུ་མཁྱེན་གསུམ་གྱི་ངོ་བོ་དང་ནུས་པའི་ཡོན་ཏན་རྟོགས་པར་བཤད་པ་མི་འཐད་པར་ཐལ། འགྲེལ་ཆེན་དུ་དང་པོར་ཞུགས་ནས་ཐོས་བསམ་ནང་བྱེད་པར་གསུངས་པ་ འགལ་པའི་ཕྱིར། ཞེས་རྩོད་པའི་ལམ་ཏུ་མཁྱེན་གསུམ་གྱི་ཡོན་ཏན་རྟོགས་པ་ཙམ་གྱིས་རྒྱན་གྱི་དོན་ལ་བསམ་བྱུང་གི་ངེས་པ་རྙེད་མི་དགོས་པས་སྐྱོན་མེད་གསུངས། དོན་དམ་པར་ [006A]༄༅། །གྲུབ་ཚད་དང་ཀུན་རྫོབ་ཏུ་གྲུབ་ཚད་གཉིས་བཞག་ཏུ་ཡོད་དེ། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་མ་ཡིན་པར་ནང་གི་སྡོད་ལུགས་སུ་འགྲུབ་པ་དེ་ སྔ་མ་དང། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་ཏུ་གྲུབ་པ་དེ་ཕྱི་མར་འཇོག་པའི་ཕྱིར། སྒྱུ་མ་དང་དཔེ་དང་སྦྱོར་ཚུལ་གསུམ་ཡོད་ལ། མིག་བསླད་པའི་ལྟད་མོ་བ་དང་ སྟོང་ཉིད་མ་རྟོགས་པའི་སོ་སྐྱེ་དང་སྒྱུ་མ་མཁན་དང་སྟོང་ཉིད་རྟོགས་པའི་སོ་སྐྱེས་དང། མིག་མ་བསླད་པའི་གང་ཟག་དང་བྱང་འཕགས་མཉམ་བཞག་པ་གཉིས་དཔེ་དོན་སྦྱོར་ཞིང་ སྦྱོར་ཚུལ་ཡང་རིམ་བཞིན་སྣང་ཞེན་གཉིས་ཀ་ཡོད་པ་དང། སྣང་བ་ཡོད་ལ་ཞེན་པ་མེད་པ་དང། སྣང་ཞེན་གཉིས་ཀ་མེད་པར་སྦྱོར་དགོས་སོ།། ཁ་ཅིག་ཐེག་ཆེན་བར་ཆད་མེད་ལམ་པ་ལ་ བདེན་ཞེན་དང་བདེན་སྣང་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་བདེན་འཛིན་ཡོད་པའི་ཕྱིར། ཟེར་ཏེ་དཔྱད། སྐྱེས་བུ་ཆུང་དུའི་རྒྱུད་ཀྱི་ཀུན་རྫོབ་ཏུ་གྲུབ་པ་ཡིན་ན། དེའི་རྒྱུད་གྱི་བློ་གནོད་མེད་ལ་ སྣང་བའི་དབང་གིས་བཞག་ཙམ་ཏུ་གྲུབ་པའི་ཁྱབ་མ་ཁྱབ་སྤྲོས་པས་ཆོག། བློ་གནོད་མེད་མི་རང་མཚན་སྣང་བ་ལ་ལྟོས་ཏེ་མ་ཁྲུལ་བས། སྣང་བ་དེ་ལ་སྣང་བ་ལྟར་མ་གྲུབ་པར་ རྟོགས་པའི་ཚད་མ་གཞན་གྱིས་མི་གནོད་པའི་བློ་ལ་བྱེད་དོ།། རྣམ་རྫུན་པ་ལྟ་བུའི་དབུ་མ་བའི་ལུགས་ལ་ཡང་སོ་སྐྱེའི་སྔོན་འཛིན་མིག་ཤེས་ལ་མི་འཁྲུལ་བའི་སྣང་བ་གཅིག་བཞག་གམ་ [006B]། ཆོས་ཅན་མཐུན་སྣང་བ་ཁས་ལེན་པ་ནི་བློ་གནོད་མེད་ཀྱི་འཇོག་ཚུལ་དེ་ལ་ཐུག་གོ། དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱོར་བའི་དོན་དམ་གཉིས་ཡོད་དེ། སྟོང་ཉིད་རྟོགས་ པའི་ཐོས་བསམ་སྒོམ་གསུམ་གྱི་རིགས་ཤེས་ལ་དོན་དམ་དུ་བྱས་པ་དང། ཐ་སྙད་ཏུ་ཡོད་པའི་བཟློག་ཕྱོགས་ཀྱི་ཡོད་པ་ལ་དོན་དམ་དུ་བྱས་པ་གཉིས་ཡོད་པའི་ཕྱིར། སྔ་མའི་ དོན་དམ་དང་དེའི་དོན་གྲུབ་པ་གཉིས་ཀ་ཡོད་ལ། ཕྱི་མའི་དོན་དམ་དང་དེན་གྲུབ་གཉིས་ཀ་མེད་དོ། སྔ་མའི་དོན་དམ་ཏུ་གྲུབ་ཚད་རྟོག་གི་འབར་བ་དང། དབུ་མ་རྒྱན་ སོགས་སུ་གསལ་བར་བཤད་ཀྱང། ཕྱི་མའི་དོན་དམ་ཏུ་གྲུབ་པ་དབུ་མ་སྣང་བ་མ་གཏོགས་པར་རང་རྒྱུད་པའི་གཞུང་གཞན་ཏུ་མ་བཤད་པས། རྗེ་བླ་མ་ས་རང་རྒྱུད་པའི་ གཞུང་ཁུངས་ཐུབ་གཞན་ལས་དགག་བྱ་སྔོ་འཛིན་གསལ་བར་མི་འབྱུང་ལ། དབུ་མ་སྣང་བ་ལས་ཀུན་རྫོབ་ཏུ་ཡོད་ཚུལ་བཤད་པའི་བཟློག་ཕྱོགས་ཀྱི་ཡོད་པ་ནི་དོན་དམ་པར་རམ་ བདེན་ཡོད་དུ་ཤེས་པས། ཞེས་གསུངས་སོ། གཞི་གྲུབ་ན་སྔལ་མའི་དོན་དམ་གྱི་དོར་གྲུབ་པས་མ་ཁྱབ་སྟེ། བུམ་པ་སྔ་མའི་དོན་དམ་གྱི་དོན་གྲུབ་པ་དེ་བརྟགས་པ་མཐའ་ གཟུང་གི་དགག་བྱའི་ཆོས་བདག་ཡིན་པའི་ཕྱིར། ཀུན་རྫོབ་བདེན་པ་ལ་སྔ་མའི་དོན་དམ་གྱི་དོན་མ་གྲུབ་ས་པ་ཁྱབ་པའི་ཕྱིར། འོ་ན་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་སྔ་ [007A]༄༅། །མའི་དོན་དམ་གྱི་དོན་གྲུབ་པར་ཐལ། སྔ་མའི་དོན་དམ་ཡིན་པའི་ཕྱིར་ན་མ་ཁྱབ་རྟགས་གྲུབ་སྟེ། འཇུག་པའི་ཊཱིཀ་ཆེན་ལས། དང་པོའི་དོན་དམ་དང། དེའི་ དོན་གྲུབ་པ་ཡང་ཡོད་ལ། ཕྱི་མའི་དོན་དམ་སྔ་མའི་དོན་དམ་དེན་གྲུབ་ཚད་རྟོག་གི་འབར་བ་དང་རྒྱན་སོགས་སུ་གསལ་བར་བཤད་ཀྱང། ཕྱི་མའི་ དོན་དམ་དུ་གྲུབ་ཚད་རང་རྒྱུད་བའི་གཞུང་ཞན་དུ་མ་བཤད་པས། རྗེ་བལ་མས། རང་རྒྱུད་པའི་གཞུང་ཁུངས་ཐུབ་གཞག་ལས་དགག་བྱ་དངོས་འཛིན་ གསལ་པར་མི་འབྱུང་ལ། དབུ་མ་སྣང་བ་ལས་ཀུན་རྫོབ་ཏུ་ཡོད་ཚུལ་བཤད་པའི་བཟློག་ཕྱོགས་ཀྱི་ཡོད་པ་ནི་དོན་དམ་པར་རམ་བདེན་ཡོད་དུ་ཤེས་པས། ཞེས་གསུངས་སོ་ གཞི་གྲུབ་ན་སྔ་མའི་དོན་དམ་གྱི་དོན་གྲུབ་པས་མ་ཁྱབ་སྟེ། བུམ་པ་སྔ་མའི་དོན་དམ་གྱི་དོན་གྲུབ་བ་དེ་བརྟགས་པ་མཐའ་གཟུང་གི་དགག་བྱ་ཆོས་བདག་ཡིན་པའི་ཕྱིར། ཀུན་རྫོབ་བདེན་པ་ ལ་སྔ་མའི་དོན་དམ་གྱི་ངོར་མ་གྲུབ་པའི་ཁྱབ་བའི་ཕྱིར། འོ་ན། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། སྔ་མའི་དོན་དམ་གྱི་ངོར་གྲུབ་པར་ཐལ། སྔ་ མའི་དོན་དམ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། འཇུག་པའི་ཊཱིཀ་ཆེན་ལས། དང་པོའི་དོན་དམ་དང། དེའི་དོན་གྲུབ་པ་ཡང་ཡོད་ལ། ཕྱི་མའི་དོན་ [007B] ཞེས་གསུངས། ཕྱི་མའི་དོན་དམ་དེར་གྲུབ་ན་སྔ་མའི་ངོར་གྲུབ་པའི་ཁྱབ་ཀྱང། བཟློག་ན་མ་ཁྱབ་སྟེ། སྟོང་ཉིད་དེ་ཡིན་ པའི་ཕྱིར། བདེན་མེད་སྒྲུབ་བྱེད་རྟགས་སྤྱོད་དགུ་ཡོད་དེ། འགལ་ཟླ་དམིགས་པ་གཉིས་དང། འབྲེལ་ཟླ་མ་དམིགས་པ་བདུན་ཡོད་པའི་ཕྱིར། དེ་དག་ལས། རྣམ་ལྔའི་ གཏན་ཚིགས་འདིའི་བདག་ཕུང་ཕན་ཚུན་བརྟེན་པའི་ཕྱོགས་གཉིས་དང་ལྡན་པའི་ཕྱོགས་གསུམ་ནི་གཅིག་ཐ་དད་ཀྱི་ཕྱོགས་གཉིས་སུ་བསྡུས་ཀྱང། འཇིག་ལྟའི་འཛིན་ཚུལ་ལ་ ལྷོས་ཏེ་རྟགས་ལྟར་ཕྱེ་ནས་གསུངས་སོ། འོ་ན། དེ་ལྟར་ན་འཇིག་ལྟ་ཉེར་ལྔར་འགྱུར་བས། མདོ་ལས་རྩེ་མོའི་འཇིག་ལྟ་ཉི་ཤུར་གསུངས་པ་དང་འགལ་ལོ་ཞེ་ན། སྔོན་ཏུ་ ཕུང་པོ་མ་བཟུང་བར་འཇིག་ལྟས་བདག་ཏུ་མངོན་པར་ཞེན་མི་ནུས་པས་ཕུང་པོ་རེ་རེ་ལ་རྣམ་པ་བཞི་བཞིས་ལོག་པར་བཞགས་པ་ཡིན་ནོ།། དེའི་ཕུང་པོ་རྣམས་ལ་གཏོགས་པར་ བདག་ཏུ་ལྟ་བའི་གཞི་ནི་མུ་སྟེགས་མ་གཏོགས་པ་ལ་མི་འབྱུང་བས་ལོག་ཞུགས་ལྔ་བ་མདོ་ལས་གསུངས་ལ། རྩ་ཤེར་ཕྱོགས་གཞན་ལྔ་བ་གསུངས་པ་ནི་མུ་སྟེགས་ ལུགས་ཀྱང་དགག་ཆེད་ཏུ་གསུངས་ཏེ། དོན་འདི་ལྟར་འཇུག་པའི་ཊཱིཀ་ཆེན་ལས་བཤད་དོ།། བདག་ཕུང་གཅིག་ན་བདག་ཁས་ལེན་པ་དོན་མེད་པ་དང། བདག་མང་ [008A]༄༅། །པོ་འམ་ཕུང་པོ་ལྔ་གཅིག་ཏུ་ཐལ་པ་དང། བདག་སྐྱེ་འཇིག་ཅན་དུ་གྱུར་པ་དང། བདག་བདེན་པར་གྲུབ་པའི་སྐྱེ་འཇིག་ཅན་དུ་འགྱུར་ན་སྐྱེ་བ་དྲན་པ་མི་འཐད་པ་དང་ ལས་བྱས་པ་ཆུད་ཟོས་པ་དང། ལས་མ་བྱས་པ་དང་ཕྲད་པའི་སྐྱོན་འཇུག་གོ། སྐྱོན་དང་པོ་སྟོན་པར། རྩ་ཤེས་ལས། ཉེ་པར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་ བའི་ཚེ། །ཉེ་བར་ལེན་ཉིད་བདག་ཡིན་ན། །ཁྱོད་ཀྱི་བདག་ནི་མེད་པ་ཡིན། །ཞེས་སོ། གཉིས་པ་སྟོན་པར། འཇུག་པར་གལ་ཏེ་ཕུང་པོ་དག་ནི་དེ་ཕྱིར་ཏེ། མང་པས་བདག་དེ་དག་ཀྱང་ མང་པོར་འགྱུར། །ཞེས་སོ། གསུམ་པ་སྟོན་པར། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་འགྱུར། །ཞེས་སོ། སྐྱོན་ཕྱི་མ་གསུམ་སྟོན་པར། འཇུག་པར། མྱ་ངན་ འདས་སྔོན་ནས་ཟ་བར་འགྱུར་ཞེས་སོ། ལམ་རིམ་ཆེན་མོར། འཇུག་པ་ལས། སྐྱོན་གཞན་གསུམ་ཡང་གསུངས་མོད་ཀྱང་རང་སྡེ་ཁོ་ནའི་འདོད་པ་དགོས་པར་སྣང་ཞིང་འདིར་ཐུན་ མོངས་དུ་དགོག་པར་འདོད་པས་མ་བཀོད་དོ། ཞེས་གསུངས་པས། སྐྱོན་གཞན་གསུམ་ཡོད་དེ། བདག་རྫས་ཡོད་དུ་འགྱུར་བ་དང། བདག་རྫས་ཡོད་དུ་ལྷ་བའི་འཇིག་ལྷ་ཕྱིན་ ཅི་ལོག་ཏུ་མི་འགྱུར་པ་དང། ཁྱོད་ཀྱི་ལྟར་ན། ལྷག་མེད་ཀྱི་ཚེ་བདག་ཆད་པར་འགྱུར་པས་ཆད་ལྷ་ཅན་དུ་འགྱུར་པ་སྟེ་རིགས་པ་གསུམ་བཤད་པའི་ཕྱིར། འཇུག་པར། བདག་ནི་རྫས་ [008B] །ཞེས་སོ། ལམ་རིམ་ཆེན་མོར། དོན་བསྡུས་པའི་སྐབས་སུ་བྱ་བྱེད་གཅིག་ཏུ་ཐལ་པའི་སྐྱོན་གསུངས་པས། ཕར་ཕྱིན་མཆན་དུ། སྐྱོན་བདུན་གསུངས་ སྙམ་མོ། བདག་ནི་ཕུང་དང་བདེན་གྲུབ་ཀྱི་ཐ་དད་ན་བདག་དེ་ཕུང་པོ་མཚན་ཉིད་དང་མི་ལྡན་པར་འགྱུར་པ་དང། ཕུང་པོའི་མཚན་ཉིད་དང་མི་ལྡན་ན་བདག་ཏུ་ཐ་སྙད་འདོགས་པའི་གཞི་དང་བདག་ འཛིན་གྱིས་དམིགས་པ་འདུ་མི་རུང་བ་དང། ཕུང་པོའི་མཚན་ཉིད་གཟུགས་རུང་ལས་ལོགས་སུ་བློ་ལྷན་སྐྱེས་ཀྱིས་གཟུང་དུ་ཡོད་པར་འགྱུར་བའི་སྐྱོན་འཇུག་གོ། དེ་ལྟར་ཡང་རྩ་ཤེས་ ལས་གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་དང། གལ་ཏེ་གཞན་ན་ལེན་མེད་པར། །གཟུང་ཡོད་རིགས་ན་བཟུང་དུ་མེད། ཅེས་སོ། བདག་ཕུང་ གཅིག་ན་བདག་སྐྱེ་འཇིག་ཅན་དུ་འགྱུར་ཞེས་པ་ནི་རྒྱུ་མེད་པར་སྐྱེ་བ་དང་རྒྱུན་ཆད་པའི་འཇིག་པ་ལ་བྱེད་ལ། བདག་ཕུང་ངོ་བོ་ཐ་དད་ན་བདག་སྐྱེ་འཇིག་དང་ལྡན་མི་ལྡན་པར་འགྱུར་ཞེས་ པ་ནི་བདག་རྒྱུ་རྐྱེན་ལས་སྐྱེ་བ་དང་སྐད་གཅིག་གཉིས་པར་འཇིག་པའི་མི་རྟག་པ་ལ་བྱེད་པས་མི་འགལ་པར་ཤེས་པར་བྱའོ།། བདེན་གྲུབ་ཀྱི་རྟེན་དང་རྟེན་པའི་ཕྱོགས་ཀྱང་གཅིག་དང་ ཐ་དད་བཀག་པའི་རིགས་པ་དེས་ཁེགས་སྟེ་ལྷས་བྱིན་པ་གླང་དང་ལྡན་པ་ལྟ་བུའི་ངོ་བོའི་ཐ་དད་པའི་ལྡན་ཚུལ་ནི་ཐ་དད་བཀག་པའི་རིགས་པས་ཁེགས་ལ། ལྷས་བྱིན་རྣ་དབང་དང་ལྡན་པ་ [009A] ༈ དེ་ལྟར་ཡང་འཇུག་པ་ལས། ཕུང་པོར་བདག་ཡོད་ཞེས་པ་ནས་གཞན་ཉིད་མེད། ཅེས་ལྡན་པའི་ ཕྱོགས་བཀག་པའི་ཕྱིར། ཟླ་བ་གྲགས་པས། རྣམ་ལྔའི་སྟེང་དུ་ཚོགས་ཙམ་བདག་ཡིན་པ་དགོག་པ་དང། དབྱིབས་བདག་ཡིན་པ་དགོག་པ་བསྣན་ནས་རྣམ་བདུན་གྱི་རིགས་པ་ མཛད་པ་ནི་རང་སྡེ་ཁ་ཅིག་གིས་སེམས་བདག་ཏུ་འཇོག་པ་དང། ཕུང་པོའི་ཚོགས་པ་དང་དབྱིབས་ཀྱི་ཁྱད་པར་ལ་བདག་ཏུ་འཇོག་པ་ལ་སོགས་གང་ཟག་གདགས་གཞི་ཕུང་པོའི་ངོས་ནས་ རྙེད་རྒྱུ་ཡོད་པ་འགོག་ཆེད་ཡིན་ལ། འགོག་ཚུལ་ཡང་ཕུང་པོའི་ཚོགས་པ་གདགས་གཞི་དང་གང་ཟག་གདགས་ཆོས་ཡིན་པས་གདགས་གཞི་དེ་ཉིད་གདགས་ཆོས་སུ་མི་འཐད་པ་དང། བྱ་བྱེད་ གཅིག་ཏུ་ཐལ་པའི་རིགས་པས་ཚོགས་པ་བདག་ཡིན་ཁེགས་པ་དག། དབྱིབས་ནི་གཟུགས་ཅན་ཁོ་ན་ལ་ཡོད་པས། དེ་ལྟར་ན་གཟུགས་ཁོ་ན་བདག་ཡིན་པར་འགྱུར་གྱི་སེམས་སོགས་ ལ་བདག་གཞན་དུ་མེད་ཕྱིར། དབྱིབས་ཀྱི་བཀོད་པ་བདག་ཡིན་པ་ཁེགས་པ་ཡིན་ལ། བྱ་བྱེད་གཅིག་ཏུ་ཐལ་པའི་རིགས་པས་ཕུང་པོའི་རྒྱུན་ཡང་བདག་ཡིན་པ་ཁེགས་པ་དང། དེ་ ཁེགས་པས་གདགས་གཞི་ངོས་ནས་རྙེད་ཀྱང་ཡོད་པ་བགག་པར་འགྱུར་པས། རྣམ་བདུན་གྱི་གཏན་ཚོགས་འདི་རང་རྒྱུད་པའི་ལུགས་འདིར་ཇི་ལྟ་བ་བཞིན་སྤྱོད་ཚུལ་མེད་ཀྱང་ [009B] ཡིག་ཆར་བཀོད་པ་མ་གཏོགས་རང་རྒྱུད་པའི་གཞུང་ནས་རྣམ་བདུན་གྱི་གཏན་ཚིགས་བཙལ་དུ་ བཏོན་ནས་བཤད་པ་མེད་དོ། དེ་དག་གྱི་ཕྱོགས་སྔ་ཡང་བདག་ཕུང་ངོ་བོ་ཐ་དད་དུ་ཁས་ལེན་པ་ནི་གྲངས་ཅན་པ་སོགས་སོ། །བདག་ཕུང་གཅིག་ཏུ་ཁས་ལེན་ནི། ཐལ་འགྱུར་པ་ ལྟར་ན་གང་ཟག་གདགས་གཞིའི་ངོས་རྙེད་རྒྱུ་ཡོད་པར་ཁས་ལེན་ཚད་བདབ་ཕུང་གཅིག་ཏུ་ཁས་ལེན་པའི་དོན་དུ་སོང་བ་དང། རང་རྒྱུད་པ་ལྟར་ན་བདེན་གྲུབ་ཁས་ལེན་པ་ཐམས་ ཅད་བདག་ཕུང་གཅིག་ཏུ་ཁས་ལེན་པར་སོང་བ་མ་གཏོགས་དངོས་སུ་ཁས་ལེན་མཁན་གྱི་གྲུབ་མཐའ་སྨྲ་བ་མེད་དོ།། འོན་ཀྱང་དབུ་མའི་རིགས་པའི་ཕུལ་གྱིས་བདག་ཕུང་བདེན་པར་གྲུབ་ ངོ་བོ་གཅིག་དང་ལོག་པ་ཐ་དད་ཏུ་ཁས་ལེན་ན་ལྡོག་པ་གཅིག་དང་ཐ་དད་དུ་ཁས་ལེན་པའི་དོན་དུ་སོང་བ་ནི་གཅིག་ཐ་དད་བཀག་པའི་རིགས་པའི་གྲོས་ཀྱིས་ཤེས་སླ། རྟེན་རྟེན་པ་དང་ལྡན་པའི་ ཕྱོགས་གསུམ་ནི་སེམས་ཙམ་པ་མན་ཆད་ཀྱིས་དངོས་སུ་ཁས་ལེན་ཞིང། ཕུང་པོའི་ཚོགས་པ་གང་ཟག་གི་མཚན་གཞིར་འདོད་མཁན་ཀྱང་ཡོད་ལ། གང་ཟག་གི་ཁྱད་པར་འགའ་ཞིག་གཏགས་ དོན་བཙལ་ནས་རྙེད་པའི་ཚེ་དབྱིབས་ཀྱི་ཁྱད་པར་ལ་ལྟོས་དགོས་པས། ཐལ་འགྱུར་པའི་རིགས་པའི་ཕུལ་གྱིས་དབྱིབས་བདག་ཏུ་ཁས་ལེན་པར་སོང་བ་དང། རྒྱན་འཕེན་པས། ཇི་ [010A]༄༅། །ཙམ་དབང་པོའི་སྤྱོད་ཡུལ་པ། །སྐྱེས་བུ་དེ་ཙམ་ཁོ་ནར་ཟད། །བཟང་མོ་མང་ཐོས་གང་སྨྲས་པ། །དེ་དག་སྤྱང་གི་རྗེས་དང་འདྲ། །ཞེས་པ་ལྟ་བུ་མ་ཏོགས་ དབྱིབས་བདག་ཏུ་འདོད་མཁན་མེད་དོ། སྤྱང་གི་རྗེས་ཞེས་པའི་ལོ་རྒྱུས་ནི་ཤེར་སྒྲོན་འགྲེལ་བཤད་ལས་ཤེས་པར་བྱའོ།། མཐའ་བཞི་འགོག་གི་གཏན་ཚིགས་འདིལ་རང་རྒྱུད་པའི་གཞུང་ནས་ རྡོ་རྗེ་གཟེགས་མར་གྲགས་པ་ཡིན་ལ། རང་རྒྱུད་པའི་ལུགས་ལ་གཞན་སྐྱེ་འགོག་པ་ལ་དོན་དམ་གྱི་ཁྱད་པར་ངེས་པར་སྦྱོར་དགོས་ཀྱང། གཞན་གསུམ་ལ་མི་དགོས་ཤིང། རྩ་ ཤེས་ལས། བདག་ལས་མ་ཡིན་ཞེས་པའི་སྐབས་སུ། ལེགས་ལྡན་གྱིས་མཆོད་བརྗོད་ལས་འཕྲོས་ཏེ། མཉམ་བཞག་གི་ངོར་སྦྱར་བའི་དབང་གིས་དོན་དམ་གྱི་ཁྱད་པར་སྦྱར་ དགོས་པར་གསུངས་ལ། ཟླ་གྲགས་ཀྱིས་འགོག་པ་ཡིན་ནོ།། བདག་སྐྱེ་འགོག་ཚུལ་ནི། སླར་ཡང་སྐྱེ་བ་དོན་མེད་པ་དང། སྐྱེས་ཟིན་སླར་ཡང་སྐྱེས་ན་མྱུ་གུ་སོགས་ འབྲས་བུའི་རིགས་འདྲ་གཏན་ནས་མི་སྐྱེ་ཞིང་ས་བོན་སོགས་རྒྱུའི་རིགས་འདྲ་རྒྱུན་མི་ཆད་པར་འགྱུར་བ་དང། ས་མྱུག་གཉིས་དབྱིབས་དང་ཁ་དོག་རོ་དང་ནུས་པ་སོགས་ཐ་དད་མེད་ པར་འགྱུར་པ་དང། གནས་སྐབས་སྔ་མ་སྤངས་ནས་ས་མྱུག་གཉིས་རང་བཞིན་གཅིག་པ་མཉམ་པ་དང། ས་བོན་གྱི་གནས་སྐབས་དང་མྱུ་གུ་གནས་སྐབས་གཉིས་ཀར་ས་ [010B] ས་མྱུག་གཉིས་རང་བཞིན་གཅིག་ན་འཇིག་རྟེན་གྲགས་པ་དང། འགལ་བ་སྟེ་འགྲེལ་བ་མཛད་པའི་རིགས་པ་དང། སྐྱེད་ བྱ་སྐྱེད་བྱེད་བྱ་བྱེད་ལས་གསུམ་གཅིག་ཏུ་ཐལ་བ་ནི་རྩ་ཤེས་ཀྱི་རིགས་པས་ཁེགས་ཚུལ་ལོ། གཞན་གྱི་སྐྱེ་འགོག་ཚུལ་ནི། མེ་ལྕེ་འབར་བ་སྟེ་མུན་པ་འཐུག་པོ་འབྱུང་བར་འགྱུར་པ་དང། རྒྱུ་ཡིན་ མིན་ཐམས་ཅད་ལས་འབྲས་བུ་ཡིན་མིན་ཐམས་ཅད་འབྱུང་བར་ཐལ་པ་དང། ས་ལུའི་ས་བོན་དང་ནས་ཀྱི་ས་བོན་གཉིས་ས་ལའི་མྱུ་གུ་བསྐྱེད་པའི་ནུས་པ་ཡོད་མེད་ཀྱི་ཁྱད་པར་མི་འཐད་པ་ སོགས་ཀྱིས་ཁེགས་སོ།། གཞན་ཡང་རྒྱུ་འགག་པ་ལ་མངོན་དུ་ཕྱོགས་པའི་བྱ་བ་དཔའ་བྲས་བུ་སྐྱེ་པ་ལ་མངོན་དུ་ཕྱོགས་པའི་བྱ་བ་གཉིས་དུས་མཉམ་ཏུ་ཡོད་དགོས་པས། རྒྱུ་འབྲས་གཉིས་ ཀྱང་མཉམ་དུ་ཡོད་པར་ཐལ་པས་ཁེགས་ཏེ། རིགས་པ་འདི་དག་གི་གནོད་པ་ཕ་རོལ་པོ་ལ་འཇུག་ཚུལ་དང། བཀག་པའི་རིགས་པ་རང་ལ་མི་ལྡོག་པ་ནི། འབྲས་བུ་བདེན་པར་གྲུབ་ ན་རྒྱུ་ལ་མི་ལྟོས་པ་དང། རྒྱུ་བདེན་པར་གྲུབ་ན་གཞན་དུ་མི་འགྱུར་པའི་གནད་ཀྱིས་ཡིན་ནོ།། བདག་གཞན་གཉིས་ཀ་ལ་སྐྱེ་བ་འགོག་པ་ཡང། རེ་རེ་ལ་སྐྱེ་བ་འགོག་པའི་རིགས་པས་ ཁེགས་ཤིང། རྒྱུ་མེད་ལས་སྐྱེ་བ་འགོག་ཚུལ་ནི། གཅིག་ལས་སྐྱེ་ན་ཐམས་ཅད་ལས་སྐྱེ་བར་འགྱུར་པ་དང། འབད་པ་དོན་མེད་དུ་འགྱུར་བ་དང། འཇིག་རྟེན་མཐོང་པ་དང་འགལ་ [011A]༄༅། །པ་སོགས་ཀྱིས་འགོག་གོ། དོན་དམ་པར་སྐྱེ་ན་མཐའ་བཞི་གང་རུང་ལས་སྐྱེ་དགོས་ཀྱང། ཐ་སྙད་དུ་སྐྱེ་བ་ལ་མཐའ་བཞི་གང་རུང་ལས་སྐྱེ་མི་དགོས་པར་ཐལ་འགྱུར་པས་ འདོད་པས་ལུགས་དེར་མཐའ་བཞི་གང་རུང་ལས་སྐྱེ་བ་ཐ་སྙད་དུ་ཡང་མེད་ལ། རང་རྒྱུད་པའི་ལུགས་ལ་མཐའ་བཞི་གང་རུང་ལས་སྐྱེ་དགོས་པས་གཞན་སྐྱེ་ཐ་སྙད་དུ་ཡོད་ལ། དོན་དམ་པར་ གཞན་ལས་སྐྱེ་བ་འགོག་ཚུལ་རང་རྒྱུད་པའི་བཞུང་ནས་བྱུང་བ་རྣམས་དབུ་མ་སྣང་བ་དང་སྟོར་མཐུན་ཆེན་མོ་ལས་ཤེས་པར་བྱའོ།། གཞན་སྐྱེའི་གཞན་ནི་རྒྱུ་འབྲས་གཞན་ཙམ་ལ་མ་བྱེད་པར་བདག་ལས་ སྐྱེ་བའམ་གཞན་ལས་སྐྱེ་ཞེས་རིགས་པས་དཔྱད་པའི་དཔྱད་མཐར་རྙེད་པའི་གཞན་ལ་བྱེད་པ་ནི་ཐལ་རང་གཉིས་ཀ་མཐུན་ཞིང། འོན་ཀྱང་དགག་བྱ་ཕྲ་རགས་ཀྱི་དབང་གིས་དཔྱོད་ཚུལ་དེ་དོན་དམ་ ལ་དཔྱོད་པར་སོང་མ་སོང་གི་ཁྱད་ཡོད་པས། གཞན་སྐྱེ་ཁས་ལེན་མི་ལེན་གྱི་ཁྱད་འབྱུང་བ་ཡིན་ནོ།། བདག་སྐྱེ་ཁས་ལེན་མཁན་ནི་གྲངས་ཅན་པ་དང། གཞན་སྐྱེ་ཁས་ལེན་ནི་ རང་བྱུང་བ་མན་ཆད་དང། དོན་དམ་པར་གཞན་སྐྱེ་ཁས་ལེན་པ་ནི་སེམས་ཙམ་པ་མན་ཆད་དང། བདག་གཞན་གཉིས་ཀ་ལ་སྐྱེ་བ་ཁས་ལེན་མཁན་ནི་གཅེར་བུ་བ་དང། རྒྱུ་མེད་ ལས་སྐྱེ་བ་ཁས་ལེན་མཁན་ནི་རྐྱང་འཕེན་པའོ།། ཡིག་ཆར། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་དང། རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མཐའ་གཞི་སྐྱེ་འགོག་ [011B] མུ་བཞི་སྐྱེ་འགོག་གི་གཏན་ཚིགས་གཉིས་དང། ཞེས་གསུངས་ཀྱང། དེའི་སྐབས་ཀྱི་དཔེ་དག་མ་དག་དཔྱད་དགོས་ཏེ། ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་དང། ཡིག་ ཆར་མཐའ་བཞི་སྐྱེ་འགོག་ཏུ་གསུངས་པའི་གཏན་ཚིགས་གཉིས་རྒྱུ་འབྲས་གཉིས་ཀ་ལ་དཔྱད་མི་དཔྱོད་ཀྱི་ཁྱད་པར་བཞག་དཀའ་བའི་ཕྱིར། དེར་མ་ཟད་སྐབས་འདིར་མཐའ་བཞི་སྐྱེ་འགོག་ཏུ་ གསུངས་པའི་གཏན་ཚིགས་འདི་ལ་གཞུང་ཆེན་མོར་མུ་བཞི་སྐྱེ་འགོག་དང་ཡོད་མེད་སྐྱེ་འགོག་ཏུ་གསུངས་པ་མ་གཏོགས་མཐའ་བཞི་སྐྱེ་འགོག་གི་ཐ་སྙད་མ་མཛད་པའི་ཕྱིར། དབུ་མའི་ མཐའ་དཔྱོད་དང་སྟོ་མཐུན་ཆེན་མོར་གཉིས་ཀར་ཡོད་མེད་སྐྱེ་འགོག་ལས་ལོགས་སུ་མ་བཤད་པའི་ཕྱིར་དང། གཞུང་འགའ་ཞིག་ཏུ་རྟགས་གཉིས་ཙམ་བཀོད་པ་དང། འགའ་ ཞིག་ཏུ་གཏན་ཚོགས་བཞི་ཀ་མ་ཏོགས་ཁྱད་པར་མེད་པར་སྣང་པའི་ཕྱིར། འོན་ཀྱང་གྲུབ་མཐའ་ཆེན་མོར། འཇུག་པས་གཞན་སྐྱེ་ལ་སྦྱར་ལ། འཕགས་པ་དང་ཇོ་བོས་སྤྱིར་བཤད་ པས་སྐྱེ་བ་གཅིག་བུར་མ་ཟད་གནས་འགག་སེལ་བྱེད་པ་ཡང་ཡིན། དེ་ཡང་ཡོད་པ་ཁོ་ན་དང། མེད་པ་ཁོ་ན་དང། གཉིས་ཀ་དང། གཉིས་མིན་ཞེས་མ་རྩི་རྒྱུ་ཡོད་པས་ མུ་བཞི་སྐྱེ་འགོག་ཡང་བྱས་ཆོག་པས་མཐའ་བཞི་འགོག་པ་དང་འགལ་བར་མ་སེམས་ཤིག། ཞེས་གསུངས་པས། མུ་བཞི་དང་མཐའ་བཞི་སྐྱེ་འགོག་གཉིས་ཀ་ཡིན་ལ་ [012A]༄༅། །དེར་མ་ཟད་རྡོ་རྗེ་གཟེགས་མ་ཡང་གཉིས་ཀ་ཡིན་ཏེ། སྟོང་ཐུ་མཆེན་མོར། རང་རྒྱུད་པའི་སྐབས་སུ་མཐའ་བཞི་སྐྱེ་འགོག་དང། ཐལ་འགྱུར་པའི་སྐབས་སུ་མུ་བཞེ་སྟེ་ འགོག་ཏུ་བཤད་པའི་ཕྱིར། ཡོད་མེད་སྐྱེ་འགོག་དེ་ལ་སྐབས་སུ་འདིར་ཡོད་ཟིན་ནའང་མི་སྐྱེ། ཞེས་བཀོད་ལ། དབུ་མའི་ཡིག་ཆར། རང་གི་རྒྱུའི་དུས་སུ་ཡོད་པའང་མི་སྐྱེ་གཏན་ནས་མེད་པའང་མི་སྐྱེ་བའི་ ཕྱིར། ཞེས་བཀོད་པ་དང། སྟོན་ཐུན་དུ་ཡོད་པའི་མྱུ་གུ་ཞེས་དཔྱོད་པར་གསུངས་ཀྱང། ཡོད་པའི་མྱུ་གུ་མི་སྐྱེ་ཞེས་བཀོད་པར་གསུངས་པ་མིན་པར་མངོན་ཏེ། ཡོད་པའི་མྱུ་གུ་མི་སྐྱེ་ཞེས་བཀོད་ ན་གཏན་ཚིག་མ་གྲུབ་པར་འགྱུར་པས་ཞིབ་ཆ་དགོས་པར་ཕར་ཕྱིན་མཆན་དུ་གསུངས་པའི་ཕྱིར། འོན་ཀྱང་བདེན་པར་གྲུབ་ན་མྱུ་གུ་ལྷ་བུ་དེ་དུས་ཀུན་ཏུ་ཡོད་དགོས་པས་རང་གི་རྒྱུའི་དུས་ན་ཡང་ཡོད་པར་འགྱུར་ ལ༑ དེ་བདག་སྐྱེ་འགོག་པའི་རིགས་པས་ཁེགས་པ་དང། མྱུ་གུ་ལྟ་བུ་དེ་རང་གྱི་རྒྱུའི་དུས་ནའང་མེད་མ་དུས་ཐམས་ཅད་དུ་མེད་པར་གྱུར་པའི་ཕྱིར། དེ་ནམ་མཁའི་པདྨོ་ལྟ་བུ་གཏན་ནས་ མེད་པ་སྐྱེ་བར་ཐལ་བའི་རིགས་པས་ཁེགས་པ་ནི། གཞུང་དེ་དག་གི་དགོངས་དོན་དུ་མཐུན་པར་སྣང་བས། བཀོད་ཚེ་རང་དུས་ན་ཡོད་ན་ཡང་དོན་དམ་པར་མི་སྐྱེ། རང་རྒྱུའི་དུས་ན་མེད་ ན་ཡང་དོན་དམ་པར་མི་སྐྱེ་བའི་ཕྱིར་ཞེས་བཀོད་ཀྱང་སྐྱོན་མེད་དེ། བདེན་གཉིས་སུ་བཤད་པའི་མུ་བཞི་སྐྱེ་འགོག་གི་རྟགས་གྲུབ་ཚུལ་ཡོད་དེ། དོན་དམ་པར་འབྲས་བུ་གཅིག་གིས་འབྲས་ [012B] རྒྱུ་དུ་མས་འབྲས་བུ་གཅིག་སྐྱེད་ན། མིག་ཤེས་ཀྱི་སྟེང་གི་ལག་རྫེས་གཞན་གྱི་ནང་ནས་ གཉིས་ནི་མི་སྲིད་པའམ་རྒྱུ་མེད་སྐྱེ་བར་འགྱུར་བ་དང། རྒྱུ་གཅིག་གིས་འབྲས་བུ་དུ་མ་སྐྱེད་ན་མིག་ཤེས་ཀྱི་རྐྱེན་གསུམ་གྱི་ནང་ནས་གཉིས་ནི་མི་སྲིད་པར་འགྱུར་བ་དང། རྒྱུ་དུ་མས་འབྲས་བུ་དུ་ མ་བསྐྱེད་ན་ལག་རྗེས་དུ་མ་ལྟར་རྐྱེན་གཅིག་ཉིད་དུ་མར་ཐལ་པ་དང། རྐྱེན་དུ་མ་ལྟར་ལག་རྗེས་དུ་མར་ཐལ་པའི་རིགས་པས་བཞི་བཀག་པའི་སྒོ་ནས་གྲུབ་པའི་ཕྱིར། རྐྱེན་གསུམ་གྱི་ལག་ རྗེས་སོ་སོར་ཡོད་དེ། སྔོན་འཛིན་མིག་ཤེས་དེ་སྔོན་པོའི་རྣམ་པ་ཅན་དུ་སྐྱེ་བ་ནི་དམིགས་རྐྱེན་དང། དེ་གསལ་རིག་གི་ངོ་བོར་སྐྱེ་བ་ནི་དེ་མ་ཐག་རྐྱེན་དང། གཟུགས་མཐོང་ བའི་ནུས་པ་ནི་བདག་རྐྱེན་གྱི་ལག་རྗེས་ཡིན་ནོ། རིགས་པ་འདི་དག་གི་གནོད་པ་འཇུག་ཚུལ་ཡང་དོན་དམ་པར་གཅིག་ཡིན་ན། ཆ་མེད་ཀྱི་གཅིག་དགོས་པ་དང། དོན་དམ་པར་ དུ་མ་ཡིན་ན་འབྲེལ་མེད་ཀྱི་དུ་མར་འགྱུར་དགོས་པའི་གནད་ཀྱིས་ཡིན་ཏེ། མཐར་གཏུགས་ན་ཆ་མེད་ཤེས་བྱ་ལ་སྲིད་པ་འགོག་པས། ཆ་ཏུ་མ་དང་ལྡན་པར་གྲུབ་ལ་ ཆོས་གཅིག་དུ་མ་དང་ལྡན་པ་ནི་ཐ་སྙད་པའི་དོན་ལ་མི་འགལ་ཡང། བདེན་པར་གྲུབ་ན་ཆ་དང་ཆ་ཅན་ངོ་བོ་ཐ་དད་དུ་འབྲེལ་མེད་དང། ངོ་བོ་གཅིག་ན་ཆ་དུ་མ་གཅིག་ཏུ་ཐལ་པའི་ [013A]༄༅། །གཏན་ཚིགས་དང་གཅིག་དུ་མར་ཐལ་བའི་གནོད་པ་འདི་ལ་གཏུག་པའི་ཕྱིར། ལེགས་བཤད་སྙིང་པོ་ལས་སློབ་དཔོན་ཡེ་ཤེས་སྙིང་པོས་བདེན་གཉིས་བདེན་གྲུབ་ འགོག་པའི་རིགས་པའི་དངོས་གཞི་མུ་བཞི་སྐྱེ་འགོག་མཛད་པའི་གནོད་པ་མཐར་གཏུགས་པ་ཡང་ཞི་བ་འཚོ་ཡབ་སྲས་དང་འདྲའོ། ཞེས་གསུངས་པའི་ཕྱིར། རྟགས་བཞི་ཀ་ལ་དོན་དམ་གྱི་ཁྱད་པར་སྦྱར་ དགོས་གཞུང་འདིས་ཀྱང་གྲུབ་ཀྱང་གྲུབ་མཐའ་རྩ་བར། གཅིག་གི་གཅིག་བསྐྱེད་གྲུབ་ཕྱིར་གཞན་རུང་ཕྱིར། འདིར་ནི་དགག་བྱ་ཁྱད་པར་མི་སྦྱོར་འཁྲུལ། ཞེས་སོགས་ཀྱི་རྩ་འགྲེལ་གྱིས་ སྟག་ལོས་དོན་དམ་གྱི་ཁྱད་པར་མི་སྦྱོར་པར་བཤད་པ་བཀག་པས་གསལ་པར་གྲུབ་པོ། སློབ་དཔོན་ལེགས་ལྡན་བྱེད་ཀྱིས་རྟགས་དང་མཐུན་པའི་སྒྲུབ་ཚུལ་སླ་བར་དགོངས་ནས་རྒྱུ་མཚན་ མཚུངས་པ་ལ་མགོ་སྙོམས་ཀྱི་རིགས་པ་གཙོ་བོར་མཛད་ལ། དེ་ཡང་ཕུང་ཁམས་སྐྱེ་མཆེད་ཀྱི་ནང་ནས་རགས་ཕྲའི་རིམ་པས་དང་པོར་གཟུགས་ཕུང་དང་དེའི་ནང་ནས་ཀྱང་འབྱུང་བ་བཞི་ལས་ བརྟགས་པ་མཛད་དོ། དེའི་ཚུལ་ནི་དབུ་མ་སྙིང་པོ་ལས། འདིར་ནི་ས་ལ་སོགས་པ་དག། ཞེས་སོགས་གསུངས། ས་དང་སོགས་སྒྲས་ཆུ་མེ་རླུང་གསུམ་ཏེ། འབྱུང་བ་བཞི་རྩོད་གཞི་ དོན་དམ་པར་འབྱུང་བའི་ངོ་བོ་ཉིད་མེད་པ་ཆོས། བྱས་བ་དང་རྒྱུ་ལྡན་སོགས་སྒྲས་དངོས་པོ་དང་ཤེས་བྱ་དང་བརྗོད་བྱ་སོགས་གཏན་ཚིགས། ཆོས་དང་ཆོས་ཅན་གྱི་ཚོགས་དོན་ནི་ཕྱོགས་ཆོས་སམ་ [013B]། དེ་ལ་ཕྱོགས་སྐྱོན་གསལ་བ་ནི། ཕ་རོལ་པོ་ན་རེ། ཁྱོད་ཀྱིས་ས་སོགས་དོན་དམ་པར་འབྱུང་བའི་ངོ་བོ་ཉིད་མེད་པར་སྒྲུབ་པ་ལ་མི་འཐད་དེ། མདོ་ལས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ གསུམ་དང་དེ་དག་གི་མཚན་ཉིད་ཀྱང་གསུངས་ལ། ཁྱོད་ཀྱིས་མདོ་དེ་དག་ཚད་མར་ཁས་ལེན་བཞིན་ཕུང་སོགས་ཀྱི་ཆོས་དེ་དག་འགོག་པས་རང་གི་ཁས་ལེན་དང་འགལ་པའི་སྐྱོན་དང་མཐོང་བ་ ལས་ལྷག་པའི་ཚད་མ་མེད་པས་ཁྱོད་ཀྱིས་འབྱུང་བའི་དབྱིབས་སོགས་མིག་གིས་མཐོང་བ་བཞིན་དུ་དེ་འགོག་པ་ནི་མངོན་སུམ་དང་འགལ་བའི་སྐྱོན་དང། ས་ལ་སོགས་པ་དང་སྲ་བ་ལ་སོགས་པའི་ ངོ་བོ་ཉིད་ནི་དོལ་བ་ཡན་ཆད་ཀྱི་འཇིག་རྟེན་པ་ཐམས་ཅད་ལ་གྲགས་པས་ཁྱོད་ཀྱིས་དེ་དག་འགོག་པ་ནི་འཇིག་རྟེན་ན་གྲགས་པ་དང་འགལ་པའི་སྐྱོན་ཡོད་པའི་ཕྱིར། ཞེས་ཕྱོགས་སྐྱོན་གསུམ་ཡོད་པར་ བརྒོལ་བ་དང། དེའི་ལམ་དུ་མདོ་ལས་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་གསུངས་པ་ནི་ཀུན་རྫོབ་ཏུ་ཡིན་ལ། དོན་དམ་པར་མེད་པ་ཤེར་མདོ་ལས་གསུངས་པས་སྐྱོན་དང་པོ་མེད་ལ་ དབང་ཤེས་ནི་རང་བཞིན་ཚོལ་བ་ལ་བླུན་པོ་ཡིན་པས་སྐྱོན་གཉིས་པ་ཡང་མེད། འཇིག་རྟེན་པ་ནི་མ་རིག་པའི་དབང་ཏུ་འགྱུར་བས་རང་བཞིན་ཚོལ་པའི་ནུས་པ་མེད་ལ། འདིར་ནི་དོན་དམ་དཔྱོད་སྐབས་ ཡིན་པས་སྐྱོན་གསུམ་པ་ཡང་མེད་པར་རྟོག་གི་འབར་པ་དང་ལྕང་སྐྱ་གྲུབ་མཐའི་རང་རྒྱུད་པའི་སྐབས་སུ་བཤད་དོ།། སྐབས་འདིར་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་བསྟན་ལ་ཆོས་མི་མཐུན་སྤྱོར་ [014A]༄༅། །གྱི་སྒྲུབ་ངག་མ་བསྟན་པའི་རྒྱུ་མཚན་ནི་དེ་སྒྲུབ་གྱི་མི་མཐུན་དཔེ་མེད་པའི་རྒྱུ་མཚན་གྱིས་ཡིན་ནོ།། ས་སོགས་དོན་དམ་པར་འབྱུང་བའི་ངོ་བོ་ཉིད་དུ་འགྱུར་ན་རྒྱུ་ ལ་མ་ལྟོས་པར་འབྱུང་བའི་ངོ་བོ་ཉིད་དུ་འགྱུར་དགོས། དེས་ན་འབྱུང་བའི་ངོ་བོ་ཉིད་དུ་འགྱུར་བ་ལ་རྒྱུ་རྐྱེན་ལ་ལྟོས་མི་དགོས་པས་ཤེས་པ་ཡང་འབྱུང་བའི་ངོ་བོ་ཉིད་དུ་འགྱུར་ཏེ་ གཅིག་ནི་འབྱུང་བའི་ངོ་བོ་ཉིད་དུ་འགྱུར་ལ་གཅིག་ཤོས་ནི་འགྱུར་བའི་ངོ་བོ་ཉིད་དུ་མི་འགྱུར་བའི་རྒྱུ་མཚན་མེད་པའི་ཕྱིར། ཞེས་པ་ནི་རྒྱུ་མཚན་མཚུངས་པ་མགོ་སྙོམས་བྱེད་ཚུལ་ཡིན་ལ་ ས་ནི་དོན་དམ་པར་སྲ་བའི་ངོ་བོ་ཉིད་དུ་མེད་དེ། འབྱུང་བ་མ་ཡིན་པའི་ཕྱིར། དཔེར་ན་ཆུ་བཞིན་ཞེས་སོགས་དང། གཟུགས་ཀྱི་སྐྱེ་མཆེད་ནི་མིག་ཤེས་ཀྱི་བཟུང་བྱ་མ་ཡིན་ཏེ་ འབྱུང་འགྱུར་ཡིན་པའི་ཕྱིར་སྒྲ་བཞིན་སོགས་དང། མིག་གི་དབང་པོ་གཟུགས་ལ་མ་བལྷ་སྟེ་དབང་པོ་ཡིན་པའི་ཕྱིར། རྣ་དབང་བཞིན་ཞེས་སོགས་སྦྱར་པར་བྱ་ དགོས་ཏེ། སྲ་ནི་སྲ་བའི་ངོ་བོ་མིན། །འབྱུང་བ་ཉིད་ཕྱིར་རླུང་བཞིན་ནོ། །ཞེས་དང། གཟུགས་ནི་མིག་གིས་བཟུང་མིན་ཏེ། །འབྱུང་ལས་འགྱུར་ཕྱིར་རང་གཟུགས་ བཞིན། །ཞེས་སོགས་གསུངས་པའི་ཕྱིར། དེ་བཞིན་དུ་ཕུང་པོ་གཞན་དང་སྐྱེ་མཆེད་ཁམས་དང། མཚན་ཉིད་མཚན་གཞི་དང། སྐྱེ་འཇིག་གི་བྱེད་པ་དང། བཅིངས་ [014B] རྒྱས་པར་དབུ་མ་སྙིང་པོ་རྩ་འགྲེལ་སོགས་ལས་ཤེས་པར་བྱའོ།། རྟེན་འབྲེལ་གྱི་གཏན་ ཚིགས་ལ་ལྟོས་མེད་གྲུབ་པའི་རྟག་མཐའ་དང། ལྷོས་གྲུབ་ཙམ་བུ་ཡང་མེད་པའི་ཆད་མཐའ་གཉིས་གཅིག་ཆར་སེལ་ནུས་པ་ཡོད་པས་མཐའ་གཉིས་གཅིག་ཆར་སེལ་ པར་བཤད་ཅིང་རྟགས་ཀྱི་བྱེད་པས་ཆད་མཐའ་སེལ། ཆོས་ཀྱི་བྱེད་པའི་རྟགས་མཐའ་སེལ་ཞེས་ཀྱང་བཤད་དོ།། ཕྲད་པ་དང་ལྟོས་པ་དང་རྟེན་གསུམ་སོ་སོ་བར་ བཤད་ན་ཕྲད་པའི་དོན་གྲུབ་མཐའ་བཞི་ཀ་དང་ཐུན་མོངས་པ་དང། ལྷོས་པ་ནི་ཐལ་རང་ཐུན་མོངས་པ་དང། རྟེན་པ་ནི་ཐལ་འགྱུར་པ་ཐུན་མོངས་མ་ཡིན་པར་བཤད་པ་ དང། ཕྲད་ལྷོས་རྟེན་གསུམ་རྣམ་གྲངས་པའི་དབང་དུ་བྱས་ནས་གྲུབ་མཐའ་བཞི་ཀ་ཐུན་མོངས་པར་བཤད་པ་དང། ཐལ་འགྱུར་པ་ཐུན་མོངས་མིན་པར་བཤད་ཚུལ་སོགས་ཡོད་གཅིག་ ཏུ་བྲལ་གྱི་སྦྱོར་བའི་ཁྱབ་པ་སྒྲུབ་པ་ལ་ཕྱོགས་ཆོས་ངེས་པའི་ཚད་མ་དང་གཅིག་དང་ཐ་དད་ཕན་ཚུན་དངོས་འགལ་དུ་ངེས་པའི་ཚད་མ་གཉིས་སྔོན་དུ་འགྲོ་དགོས་ཤིང། ཕྱོགས་ ཆོས་སྒྲུབ་པ་ལ་བདེན་གྲུབ་ཀྱི་གཅིག་ཏུ་མ་གྲུབ་པའི་རྟགས་ཀྱིས་བདེན་གྲུབ་ཀྱི་དུ་མར་མ་གྲུབ་ཀྱང། ཆ་བཅས་ཀྱི་རྟགས་ཀྱིས་གཅིག་ཏུ་མ་གྲུབ་པར་གྲུབ་པོ། ཆ་བཅས་ [015A]༄༅། །སུ་སྒྲུབ་པ་ལ་རྩོད་གཞི་བུམ་པ་ལྟ་བུ་མངོན་སུམ་གྱིས་གྲུབ་ཅིང། གཞི་ལམ་རྣམ་གསུམ་ལྷ་བུ་ལ་ཆ་མེད་ཤེས་བྱ་སྲིད་པ་འགོག་པའི་ཚད་ མ་དང་ཆ་བཅས་ཆ་མེད་དངོས་འགལ་ཏུ་ངེས་པའི་ཚད་མ་གཉིས་ལ་རྟེན་ནས་གྲུབ་དགོས། ཆ་བཅས་ལ་བདེན་གྲུབ་ཀྱི་གཅིག་ཏུ་མ་གྲུབ་པས་ཁྱབ་པ་ཚད་མ་གསུམ་གྱིས་གྲུབ་ པ་སོགས་ཡོད། གཞན་ཡང། ཁྱབ་པ་འཇིག་རྟེན་འགོག་པ་སོགས་བཤད་རྒྱུ་མང་ཏུ་ཡོད་ལ་རང་གཞན་གྱི་སྡེབས་བཏགས་པའི་རྟག་དངོས་གཅིག་བདེན་འགོག་པ་ལ་གཉིས་ལས་ དང་པོ་ནི། གཙོ་བོ་ལ་སོགས་པ་ཆོས་ཅན། བདེན་གྲུབ་ཀྱི་གཅིག་ཏུ་མ་གྲུབ་ཏེ། འབྲས་བུ་སྔ་ཕྱི་རིམ་ཅན་དུ་མ་ལ་ཕན་པ་སྔ་ཕྱི་རིམ་ཅན་དུ་མ་ཉེ་བར་སྦྱོར་བའི་ཕྱིར་ ཞེས་བཀོད་ལ། གཉིས་པ་ནི། འདུས་མ་བྱས་གསུམ་རེ་རེ་ནས་དེར་གཅིག་ཏུ་མ་གྲུབ་སྟེ། སྒོམ་བྱུང་གི་ཤེས་པ་སྔ་ཕྱི་རིམ་ཅན་དུ་མ་དང་ཡུལ་ཡུལ་དུ་འབྲེལ་པའི་ཕྱིར་ ཞེས་བཀོད་དོ། གནས་མའི་བུས་བཏགས་པའི་གང་ཟག་གཅིག་བདེར་འགོག་པ་ནི། གང་ཟག་ཆོས་ཅན། དེར་མ་གྲུབ་སྟེ། རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པའི་ཕྱིར་ ཞེས་པའོ།། ཁྱབ་པའི་གཅིག་རྟེན་འགོག་པ་ནི། ནམ་མཁའ་དང་དུས་སོགས། དེར་མ་གྲུབ་སྟེ། ཤར་ལ་སོགས་པའི་ཕྱོགས་ཀྱི་ཆ་དང་འདས་པ་ལ་སོགས་པའི་དུས་ཀྱི་ཆ་ཤས་ [015B] ཞེས་པའོ།། རགས་པ་གཅིག་བདེན་འགོག་པ་ནི། བུམ་པ་ལ་སོགས་པའི་རགས་པ་རྣམས་ཆོས་ཅན། སྒྲིབ་མ་སྒྲིབ་སོགས་རྫས་ལ་ བརྟེན་པའི་འགལ་འདུ། གཡོ་མི་གཡོ་སོགས་བྱ་བ་ལ་བརྟེན་པའི་འགལ་ཏུ། མཚོན་གྱིས་སྒྱུར་མ་སྒྱུར་སོགས་ཡོན་ཏན་ལ་བརྟེན་པའི་འགལ་འབུ་སོགས་དང་ལྡན་པའི་ཕྱིར། ཞེས་ བཀོད་དོ།། རྡུལ་ཕྲན་གཅིག་བདེན་འགོག་པ་ནི། རྡུལ་ཕྲ་རབ་ཆོས་ཅན། དེར་མ་གྲུབ་སྟེ། ཁྱོད་ལ་རྡུལ་བཅུས་བསྐོར་བའི་ཚེ་ཆ་བཅུ་དང་ལྡན་པའི་ཕྱིར། དེ་ལྟར་རྡུལ་ཆ་མེད་མི་སྲིད་ པས་རང་སྡེ་བས་འདོད་པའི་གཟུགས་ཅན་གྱི་ཁམས་བཅུ་དང་གཞན་སྡེ་བའི་ཚིག་གི་དོན་ཏུག་སོགས་བདེན་པར་མེད་པར་གྱུར་ཞིང། དེའི་རྒྱུ་མཚན་གྱིས་ཁམས་བཅོ་བརྒྱད་ཀྱང་བདེན་པར་མེད་ པར་འགྱུར་ཚུལ་དབུ་མ་རྒྱན་རང་འགྲེལ་ལས་སོ།། རྣམ་ཤེས་གཅིག་བདེན་འགོག་ཚུལ་ཡང་བྱེ་སྨྲས་དབང་ཤེས་རྣམ་མེད་ཏུ་འདོད་པ་འགོག་པ་སོགས་མང་དུ་ཡོད་དོ།། སྐབས་འདིའི་ཏུ་མའི་ སྣང་བ་ཅན་གཉིས་སྣང་ཅན་ལ་བྱེད་དགོས། སྒྲུབ་ངག་བཀོད་པ་སྐབས་སུ་འབབ་པའི་གང་ཟག་ལ་ཚུལ་གསུམ་ཚད་མས་ངེས་པའི་ཁྱབ་པར་བཤད་ལ། ཆོས་གཅིག་གི་སྟོང་ཉིད་རིགས་ པ་ཡང་དག་གིས་རྟོགས་ན་ཆོས་གཞན་གྱི་སྟོང་ཉིད་རྟགས་བཀོད་པ་ལ་མ་ལྟོས་པར་རྟོགས་ཐུབ་པའི་ཁྱབ་ཀྱང། རྟགས་སྦྱོར་ལ་མ་ལྷོས་པར་རྟོགས་ཐུབ་པའི་མ་ཁྱབ་སྟེ། རྗེས་དཔག་ལ་ [016A]༄༅། །རྟགས་སྦྱོར་ལ་རྟེན་པའི་ཁྱབ་པའི་ཕྱིར། རྟགས་སྤྱོར་ལ་མ་ལྟོས་པར་རྟོགས་ནུས་པ་དེས་ཀྱང་རྟོགས་སྦྱོར་བཀོད་པ་ལ་བརྟེན་ནས་རྟོགས་པའང་ཡོད་དེ་ ཆོས་གཅིག་གི་སྟོང་ཉིད་རྟོགས་པའི་གང་ཟག་དེ་ཆོས་གཞན་གྱི་སྟོང་ཉིད་རྟོགས་ཚེ་རང་དོན་གཞན་དོན་སྐབས་ཀྱི་རྗེས་དཔག་གཉིས་ཀས་རྟོགས་པ་ཡོད་པར་འཇུག་འགྲེལ་དུ་བཤད་པའི་ ཕྱིར༑ དེ་དག་གི་སྐབས་སུ་ཁ་ཅིག་ན་རེ། བློ་གནོད་མེད་ཅེས་པ་རང་མཚན་སྣང་བ་ལ་ལྟོས་ཏེ་མ་འཁྲུལ་པ་ལ་བྱེད་པ་མི་འཐད་པར་ཐལ། བུམ་འཛིན་རྗེས་དཔག་ དེ་བུམ་པའི་རང་མཚན་སྣང་བ་ལ་ལྟོས་ཏེ་མ་འཁྲུལ་པ་མ་ཡིན་པའི་ཕྱིར། དེས་བུམ་པའི་རང་མཚན་མི་སྣང་བའི་ཕྱིར། དེས་རང་མཚན་པ་མི་སྣང་བའི་ཕྱིར། དེས་ གཞན་དང་མ་འདྲེས་པར་མི་སྣང་བའི་ཕྱིར་ན་མ་ཁྱབ། ཡང་ཁ་ཅིག་སྐབས་འདིའི་བློ་གནོད་མེད་ཡིན་ན་རང་གི་འཛིན་སྟངས་ཀྱི་ཡུལ་གྱི་རང་མཚན་ལ་མ་འཁྲུལ་པའི་ཁྱབ་པ་མི་འཐད་ པར་ཐལ། ཐལ་གྱུར་པའི་རྒྱུད་ཀྱི་བུམ་འཛིན་རྗེས་དཔག་དེས་བུམ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་མ་འཁྲུལ་པ་མ་ཡིན་པའི་ཕྱིར། ཐལ་གྱུར་བས་བུམ་པ་རང་གི་ མཚན་ཉིད་ཀྱིས་གྲུབ་པར་མི་རྟོགས་པའི་ཕྱིར་ན་མ་ཁྱབ་སྟེ། ཡུལ་དེ་ལ་ཚད་མར་སོང་ན་དེའི་རང་མཚན་ལ་ཚད་མར་སོང་དགོས་པར་རྗེ་བདག་ཉིད་ཆེན་པོས་གསུངས་པའི་ཕྱིར་ [016B] ༑ཡང་ཁ་ཅིག་སྐབས་འདིར་རང་མཚན་དོར་ནས་འཛིན་ཚུལ་མེད་པར་བཤད་པ་མི་འཐད་པར་ཐལ། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱིས་ སྟོང་ཉིད་རང་མཚན་གྱིས་གྲུབ་པ་མི་སྣང་བའི་ཕྱིར། དེས་དེ་རང་མཚན་པ་མི་སྣང་བའི་ཕྱིར། སྟོང་ཉིད་རང་མཚན་པ་སྟོང་ཉིད་མ་ཡིན་པའི་ཕྱིར་ ཟེར་ན་རྟགས་མ་གྲུབ་པར་ཁས་ལེན་དགོས་སམ་དཔྱད་དགོས། ཁ་ཅིག། སྟོང་ཉིད་རང་མཚན་པ་སྟོང་ཉིད་མ་ཡིན་པར་ཐལ། སྟོང་ཉིད་རང་ གི་མཚན་ཉིད་ཀྱིས་འགྲུབ་པ་དེ་སྟོང་ཉིད་མ་ཡིན་པའི་ཕྱིར་ཏེ། སྟོང་ཉིད་རང་ངོས་ནས་གྲུབ་པ་དེ་སྟོང་ཉིད་མ་ཡིན་པའི་ཕྱིར། སྟོང་ཉིད་ཡོད་པ་སྟོང་ཉིད་ མ་ཡིན་པའི་ཕྱིར། ཞེས་ཟེར། འདི་ལ་ཁ་ཅིག་ན་རེ། དེ་མི་འཐད་པར་ཐལ། སྟོང་ཉིད་རང་མཚན་པ་སྟོང་ཉིད་ཡིན་པའི་ཕྱིར་ སྟོང་ཉིད་མཚན་ཉིད་པ་སྟོང་ཉིད་ཡིན་པའི་ཕྱིར། དེར་ཐལ། སྟོང་ཉིད་དངོས་གནས་པ་སྟོང་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། སྟོང་ཉིད་ དངོས་གནས་པ་ཀུན་རྫོབ་བདེན་པ་ཡིན་པར་ཐལ་ལོ། འདོད་ན། ཐ་སྙད་པའི་ཚད་མའི་དོར་སྟོང་ཉིད་ [017A]༄༅། །དངོས་གནས་པ་ཤར་བར་ཐལ་ལོ། ཞེས་ཟེར། ཞེས་པ་འདི་སྦྲང་བཙུན་ངག་དབང་དཔལ་ ལྡན་གྱིས་བཀོད་པའོ།། །། [017B][BLANK PAGE]